བཀྲ་ཤིས་གཡང་ལ་ཆགས་པ།
作词:叶热岗
作曲:佐庆丹真
དཀར་ཡོལ་འབྲུག་མའི་ནང་ལ།།
龙纹瓷碗中
ནས་ཆང་སྔོན་མོས་བཀང་ཡོད།།
斟满青稞酒
མཆོད་པའི་གཙང་བཞེས་གནོངས་དང་།།
酌尽这一碗
ལས་ཀྱི་དམ་ཚིག་བཙགས་ཡོད།།
吉祥情谊酒
བརྩེ་འདང་ལས་ཀྱི་རི་མོ།།
相思良缘之画
ཟླ་བའི་དཀྱིལ་ན་འཐེན་ཡོད།།
映于佳月之中
བློ་དཀར་སེམས་ཀྱི་མི་ལ།།
时为心中佳人
སྨོན་ལམ་སྙིང་ནས་ཞུས་ཡོད།།
深深诚发佳愿
ང་ཚོ་དེ་རིང་འཛོམས་འཛོམས།།
我们在此欢聚
ནམ་ལ་ཆུང་བསོ་ལོ།
囊啦琼嗦啰
གཏན་དུ་འཛོམས་རྒྱུ་བྱུང་ན།།
长远在此相聚
བསོང་ཡ་ལ།ནམ་ལ་ཆུང་བསོ་ལོ།
索呀啦,囊啦琼嗦啰
གཏན་དུ་འཛོམས་པའི་མི་ལ།།
在此聚的人们
ནམ་ལ་ཆུང་བསོ་ལོ།
囊啦琼嗦啰
སྙུང་གཞི་གོད་ཆགས་མ་གཏོང་།།
远离疾灾祸难
བསོང་ཡ་ལ།ནམ་ལ་ཆུང་བསོ་ལོ།
索呀啦,囊啦琼嗦啰
དྭངས་གཙང་རྫ་ཆུ་སྔོན་མོར།།
清纯山泉岸边
མེ་ཏོག་སྣ་བརྒྱས་སྐོར་ཡོད།།
长满百态花朵
དངུལ་དཀར་ཆུ་ཟོམ་ནང་ལ།།
白色银桶之中
གཡང་གི་བསིལ་ཆབ་ལྟེམས་ཡོད།།
填满吉祥泉水
ཚེ་རིང་ལྷ་ཡིས་སྲུང་ཡོད།།
长寿神明庇佑
ཕ་མ་སྤུན་གྱིས་བཞེས་དང་།།
亲朋好友饮之
ནད་མེད་ཚེ་རིང་ཡོང་བའི།།
长命百岁之愿
སྨོན་ལམ་སྙིང་ནས་ཞུས་ཡོད།།
发自内心深处
ང་ཚོ་དེ་རིང་འཛོམས་འཛོམས།།
我们在此欢聚
ནམ་ལ་ཆུང་བསོ་ལོ།།
囊啦琼嗦啰
གཏན་དུ་འཛོམས་རྒྱུ་བྱུང་ན།།
长远在此相聚
བསོང་ཡ་ལ།ནམ་ལ་ཆུང་བསོ་ལོ།།
索呀啦,囊啦琼嗦啰
གཏན་དུ་འཛོམས་པའི་མི་ལ།།
在此聚的人们
ནམ་ལ་ཆུང་བསོ་ལོ།
囊啦琼嗦啰
སྙུང་གཞི་གོད་ཆགས་མ་གཏོང་།།
远离疾灾祸难
བསོང་ཡ་ལ།ནམ་ལ་ཆུང་བསོ་ལོ།
索呀啦,囊啦琼嗦啰